༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སྙན་དེབ་༼ཚོར་བའི་འཇིག་ཉེན༽གྱི་སྐོར།
མི་རྒོད། 11-12-25 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

 

ཉེ་ལམ་མི་རབས་གསུམ་པའི་སྙན་ངག་པ་ཐོ་རངས་ཀྱི་སྙན་དེབ་ཐོག་མ་༼ཚོར་བའི་འཇིག་ཉེན༽ཞེས་པ་རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་ལ།  བོད་ཀྱི་སྙན་ངག་པ་གཅན་མེ་སྟག་དང་སྒྲུང་གཏམ་པ་རིག་ལྡན་རྒྱ་མཚོ།  སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ།  དེ་མིན་མི་རབས་གསུམ་པའི་སྙན་ངག་པ་བྱང་སྒྲ་སྙན་དང་ས་དཀྱིལ་ཚེ་བཀྲ།  ཁུ་བྱུག་སྔོན་མོ།  རེ་རྐང་གླིང་།   དེབ་ཀྱི་རྩོམ་པ་པོ་ཐོ་རངས་བཅས་གྲོགས་པོ་བརྒྱད་འཛོམས་པའི་སྟབས་བདེ་འགྲེམས་སྤེལ་འདུ་ཚོགས་ཤིག་ཀྱང་བསྡུས་ཡོད་པ་རེད།

༼ཚོར་བའི་འཇིག་ཉེན༽ཞེས་པའི་སྙན་དེབ་འདི་ཉིད་ན་གཞོན་སྙན་ངག་པ་ཐོ་རངས་ལགས་ཀྱིས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་ཚོར་བའི་འཇིག་ཉེན་ལས་བཙལ་འཚོལ་ཐུབ་པའི་བག་ཉལ་གྱི་སེམས་ངོ་དག་ཡིན་ལ། ན་གཞོན་སྙན་ངག་པ་ཞིག་གི་སྒྱུ་རྩལ་འཚོལ་སྙེགས་ཀློང་གི་སྡུག་བསྔལ་བའི་རྐང་རྗེའི་རྔུལ་ཆུ་དང་འོད་ཟེར་ལ་ཉེ་བར་གཅར་བའི་རང་སྣང་གི་འདོད་འདུན་སྨྲ་མེད་པ་ཞིག་ཡིན་ན།  འདིས་ཀྱང་བོད་ཀྱི་དེང་རབས་སྙན་ངག་གི་འཕྲིན་ལས་ལ་འཕེལ་རྒྱས་ཀྱི་སེམས་ངོ་ཞིག་ཕུལ་ནས་ཡོད་དོ། །

རྩོམ་པ་པོའི་ཉེ་པར།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号