༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
དགེ་ཆོས་དྲ་བའི་གསལ་བསྒྲགས་གལ་ཆེན།
gdqpzhx 09-11-25 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

ཉེ་ལམ་དགེ་ཆོས་དྲ་བ་ཧི་གཟུགས་སུ་གསར་བསྒྱུར་བྱས་པ་ནས་བཟུང་ཀློག་པ་པོ་མང་པོ་ཞིག་གིས་ཡིག་གེ་དང་འཕྲིན་ཐུང་།  སྐད་སོགས་སུ་དགེ་ཆོས་དྲ་བའི་སྒྲོམ་གཞི་ལེགས་པོ་ཞིག་མིན་ཚུལ་དང་།  དྲ་བ་འདི་གར་མཁས་དབང་ཁོང་གི་བརྩམས་ཆོས་དམིགས་བསལ་གྱིས་བཀོད་པ་ཉུང་ཚུལ།  གཞན་ཡང་དབྱིན་ཡིག་དྲ་ངོས་ཀྱི་ཡི་གེ་དག་དབྱིན་སྐད་རྣལ་མའི་བརྡ་སྤྲོད་དང་མི་མཐུན་ཚུལ་སོགས་བསམ་འཆར་མང་པོ་ཞིག་བཏོན་གནང་བར་ངེད་དྲ་བའི་ལྷག་བསམ་ཟོལ་མེད་སྒོས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ།  གསལ་བཤད་ཀྱི་ཚུལ་དུ་ཞུ་དགོས་པ་ཞིག་ནི་དྲ་བའི་སྒྲོམ་གཞི་འཁྱོལ་འདུག་པའི་སྣང་ཚུལ་དེ་དག་ངེད་དྲ་བའི་སྐྱོན་མ་ཡིན་པར་བིན་སྒྲོ་སི་མཉེན་ཆས་བཀོལ་མཁན་གྱི་ཀློག་པོ་དག་གིས་ངེས་པར་དགེ་ཆོས་དྲ་བའི་སྒང་གི་གསལ་བཤད་ཐུང་ངུ་དེ་༼༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་། ༽ཞེས་པའི་མཉེན་ཆས་དེ་ཕབ་ལེན་བྱ་དགོས་ཤིང་།  དྲ་བའི་གཙོ་ངོས་ངོ་མ་གཤམ་གྱི་པར་རིས་ལྟར་ཡིན། གཞན་ཡང་དྲ་བ་འདིར་མཁས་དབང་ཁོང་གི་བརྩམས་ཆོས་དམིགས་བསལ་གྱིས་བཀོད་པ་ཉུང་འདུག་ཅེས་པ་དེ་ནི་དངོས་ནས་ངེད་དྲ་བའི་མ་འདང་བའི་ལས་ཀ་ཞིག་ཏུ་ཟད་ཡོད་ནའང་།  ད་ལམ་ངེད་ཅག་གིས་ཆེད་དུ་དགེ་ཆོས་ཀྱི་བརྩམས་ཆོས་དང་དེའི་སྐོར་གྱི་ཆེད་རྩོམ་དག་གི་པར་དབང་སྐོར་ལ་བརྩོན་ལེན་བྱེད་ཀྱིན་པའི་སྒང་ཡིན་ལ།  མཁས་པ་རྡོ་རྗེ་རྒྱལ་དང་ན་གཞོན་རྩོམ་པ་པོ་མེ་ལྕེ་སོགས་ཀྱིས་རང་རང་གི་རྩོམ་དབང་དེའི་མཆོག་མཆན་ཡང་གནང་ཟིན་པས་ན་མྱུར་བ་མྱུར་དུ་ཁྱེད་རང་གི་འདོད་དོན་ལྟར་བསྒྲུབ་ངེས་ཡིན།   དབྱིན་ཡིག་དྲ་ཚིགས་དེ་དངོས་ནས་ཆ་རྐྱེན་གྱིས་མི་འདང་བ་ཞིག་སྟེ།  དེ་སྔ་དབྱིན་ཡིག་ལ་མཁས་ཟེར་མཁན་གྱི་བོད་མི་འགའ་ཞིག་ལ་ཆེད་དམིགས་ཀྱིས་ལས་བགོས་མྱོང་ནའང་རྩོམ་བསྒྱུར་གྱི་ལས་ཀ་དང་ཞུ་དག་གི་འགན་གཅིག་ལྕོག་ཐུབ་པའི་མི་ཞིག་ད་སྔ་ཡན་ཆད་དུ་བཙལ་ནས་མ་རྙེད་པས་དྲ་ཚིག་དོད་ཙམ་དུ་མི་འཇོག་ཐབས་མེད་བྱུང་སོང་།  །

གསལ་བཤད་ཐུང་ངུ།  བོད་ཀྱི་དྲ་ཚིགས་རྣམས་སུ་བཀོད་པའི་མཁས་དབང་དགེ་ཆོས་ཀྱི་བརྩམས་ཆོས་དག་འདི་གར་བརྒྱུད་འགོད་བྱ་དུས་སུ་༼ངེད་དྲ་བ༽ཞེས་པའི་རྟགས་འཇོག་རྒྱུ་མ་གཏོགས་དྲ་ཚིགས་དེ་གའི་མིང་རྒྱག་གིན་མེད།

ངེད་དྲ་བའི་གཙོ་སྒྲོམ་གྱི་པར་གཞི་ཆ་ཚང་མའི་པར།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号