རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་སྔར།
ངེད་ཅག་དགེ་འདུན་ཆོས་འཕེལ་སློབ་འབྲིང་གིས་འཛུགས་གཉེར་བྱས་པའི་དགེ་ཆོས་དྲ་བ་དེ་དེ་རིང་ནས་ཧི་གཟུགས་སུ་བསྒྱུར་བ་ཡིན་ལ། འདི་ཡང་གཙོ་བོ་རང་ཅག་གི་བོད་མི་དག་ལ་ཀློག་སྟབས་བདེ་རུ་གཏོང་བའི་ཕན་སེམས་ཀྱིས་སྐུལ་བ་ཞིག་དང་། མ་འོངས་བོད་ཀྱི་དྲ་རྒྱའི་ས་ཁྱོན་དེ་ཡིག་གཟུགས་གཅིག་གྱུར་ཅན་ཞིག་ཏུ་འགྱུར་བར་དམིགས་པ་ཞིག་ཡིན་མོད། ལག་རྩལ་གྱི་ཞན་ཆ་དང་རྒྱུ་ཆ་ལག་སོན་འབྱུང་དཀའ་བའི་དཀའ་ངལ་ལ་དམིགས་དེ་རྩོམ་ཡིག་ཁ་ཤས་ཤིག་བདག་པོར་འབྲེལ་འཛུགས་མ་ཐུབ་པར་གང་དགར་བཀོད་པའང་ཡོད་པས། དྲ་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་ལས་ཀ་དག་ལ་ཆེད་དུ་བཟོད་གསོལ་ཞུ་རྒྱུ་ཡིན་ལ། བརྒྱུད་འགོད་བྱས་པའི་རྩོམ་ཡིག་དག་ལ་རྩོམ་པ་པོས་ཆོག་མཆན་མི་སྟེར་ན་ཐད་ཀར་དཔྱད་གཏམ་མམ་སྐད་དུ་དེའི་དོན་ལྷུག་པོར་གསུང་དང་གང་མྱུར་གྱིས་གསུབ་ངེས་ཡིན།
གཞན་ཡང་སྔོན་ཆད་ཀྱི་ཉམས་མྱོང་ལས་ཤེས་རྟོགས་བྱུང་བ་ནི་དྲ་བའི་གཙང་སྦྲ་དེ་རང་ག་བའི་མི་ཞིག་གིས་བསྒྲུབ་ཐུབ་པ་ཞིག་མིན་པས་ན། ད་ལམ་སྔར་གྱི་ལེ་ཚན་མང་པོ་ཞིག་བསྡུ་རུབ་ཀྱིས་སྣ་ཇེ་འཛོམས་སུ་བཏང་ཐོག ཆེད་དུ་ཟིན་བྲིས་མཁན་པོའི་མིང་གྲགས་ཐོབ་མཁན་གྱི་བོད་ཀྱི་ན་གཞོན་རྩོམ་པ་པོའམ་སྙན་ངག་པ་སྐུ་ཞབས་རེ་རྐང་གླིང་(མི་རྒོད)ལགས་ངེད་དྲ་བའི་དོ་དམ་པར་གདན་ཞུས་ཀྱིས་ཆེད་དུ་པར་ངོས་སྒྲིག་བཟོ་དང་རྩོམ་སྒྲིག་གི་ལས་ཀ་གཉེར་གིན་པས་ན་གསར་དུ་བཟོས་པའི་དགེ་ཆོས་དྲ་བ་འདི་ཉིད་སྔར་ལས་ཇེ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད་དོ། ། གཙོ་སྒྲིག་པ : བྱང་སྒྲ་སྙན་ནས།
དགེ་ཆོས་དྲ་བའི་རྩོམ་བསྐུར་ཡུལ། regangl@163.comཡང་ན་sndz009@163.com




དཔྱད་གཏམ།