༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
ཚོ་ལྔའི་ཚགས་པར་རྩོམ་སྒྲིག་ཁང་གི་རྩོམ་བརྡ།
gdqpzhx 10-10-21 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []


ཚོ་ལྔའི་ཚགས་པར་ནི་འགར་རྩེ་འཇིགས་མེད་སོགས་ཀྱིས་རྩོམ་སྒྲིག་མཛད་བཞིན་པའི་སྣ་འཛོམས་རང་བཞིན་གྱི་ཚགས་པར་ཞིག་ཡིན་ལ། སྤྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་དཔར་བསྐྲུན་འགྲེམ་སྤེལ་བྱེད་མགོ་བརྩམས། དེའི་ལོར་འདོན་ཐེངས་གསུམ་འགྲེམ་སྤེལ་བྱེད་ལ།ཉིས་སྟོང་དགུའི་ལོ་ནས་ལོ་སྟོད་སྨད་དུ་བགོས་ཏེ་ཚགས་པར་ཐེངས་གཉིས་རེ་པར་བསྐྲུན་བྱེད་པར་ཐག་བཅད་ནས་ལོ་དེར་འདོན་ཐེངས་གཉིས་བསྐྲུན་ཏེ་བཀྲམ།

ལོ་འདི་གཉིས་ཀྱི་རིང་འདོན་ཐེངས་ལྔ་པར་བསྐྲུན་བྱས་ནས་རྩོམ་ཡིག་ཀྱང་མི་ཉུང་བ་ཞིག་འདུས་ཡོད་ལ་དེ་དག་ལས་གང་བཟང་འདམས་ཏེ་རྩོམ་པ་པོ་དྲུག་ལ་རྩོམ་རིག་བྱ་དགའ་སྟེར་བའི་བྱ་འགུལ་ཀྱང་

ཉིས་སྟོང་བཅུ་ལོའི་ཟླ་དང་པོར་དགེ་ཆོས་སློབ་འབྲིང་ནས་རྒྱལ་ཁའི་ངང་མཇུག་བསྡུས།བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་གི་རྩོམ་ཡིག་དང་ལོ་རྒྱུས་རགས་བསྡུས་རེ་ཉིས་སྟོང་བཅུ་ལོའི་ལོ་སྟོད་ཚགས་པར་སྟེང་མཚམས་སྦྱོར་

བྱེད་ཡོད།ལོ་སྨད་ཚགས་པར་ཀྱང་མི་འགྱངས་པར་དཔར་རྩིས་ཡོད་ལ་ད་ཐེངས་ནས་ང་ཚོས་ཚགས་པར་ཀྱི་སྒྲིག་གཞི་རྒྱ་ཆེར་བཏང་སྟེ་སྔོན་དང་མི་འདྲ་བར་པར་ངོས་དང་པོ་(ཞབས་རྗེས)་ལེ་ཚན་དུ་ཚོ་ལྔའི་ཡུལ་ཕྱོགས་ཀྱི་གསར་འགྱུར་གལ་ཆེན་དག་འགོད་རྩིས་ཡོད།ཁྱོད་ཚོ་ལ་གསར་འགྱུར་གལ་ཆེན་རེ་ཡོད་ན་འདི་གར་བསྐུར་གནང་ཡོང་བར་ཞུ། པར་ངོས་གཉིས་པ་(མེ་ལོང)་ལེ་ཚན་དུ་བོད་དང་རྒྱའི་རྩོམ་པ་པོ་གྲགས་ཆེན་གྱི་ཞལ་གདམས་དང་ལོ་རྒྱུས་ རྩོམ་ཡིག་ ཁ་མཚར་ བྱིས་པར་སློབ་གསོ་བསྐུལ་བའི་ཤེས་བྱ་སོགས་སྣ་འཛོམས་རང་བཞིན་གྱི་ལེ་ཚན་ཞིག་ཏུ་བསྐྲུན་རྩིས་ཡོད་ལ། རྗེས་ཕྱོགས་ཀྱང་འདི་འདྲ་བར་བོད་དང་རྒྱའི་རྩོམ་ཡིག་གི་ལས་ལ་བྱས་རྗེས་བཞག་དང་འཇོག་བཞིན་པའི་གྲགས་ཆེན་མི་སྣ་དག་གི་ཀྱག་ཀྱོག་གི་ལོ་ཟླ་དག་ཕྱིར་དྲན་གྱི་རྡོ་རིང་དུ་བཞེངས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་འགོད་ཕྱིར་(མེ་ལོང)་ལེ་ཚན་འདི་བསྐྲུན་པ་ཡིན།རྩོམ་ཡིག་དང་མི་སྣ་རླབས་ཆེན་སྐོར་ཀྱི་གསར་འགྱུར་རེ་ཡོད་ན་འདི་གར་བསྐུར་གནང་ཡོང་བར་ཞུ།པར་ངོས་གསུམ་པ་(རོལ་མོ)་ལེ་ཚན་དུ་ཕྱོགས་རིས་མེད་ཀྱི་རྩོམ་པ་པོ་དག་གི་རྩོམ་ཡིག་ལས་གདམས་གསེས་བྱས་ཏེ་འགོད་རྩིས་ཡོད།རྩོམ་ལུས་ལ་རང་མོས་དང་བཅད་རྩོམ་ ལྷུག་རྩོམ་ འབོལ་རྩོམ་གང་ཡིན་ཡང་ཆོག ད་ཐེངས་ཆེད་དུ་བསྒྲིག་པ་ནི་ཚོ་ལྔའི་ཡུལ་གྱི་མཁས་ དབང་དགེ་འདུན་ཆོས་འཕེལ་གྱི་ལྟ་བ་མཚོན་པའི་སྙན་ངག་འགོད་རྩིས་ཡོད། ཁྱོད་ཚོ་དགེ་ཆོས་ཀྱི་ལྟ་བ་ལ་དྲང་ལྡོག་གང་གི་ལང་ཀྱང་རྩོམ་ལུས་ལ་ཚད་བཀག་མེད། པར་ངོས་བཞི་བ་(ཞོགས་ཉི)་ལེ་ཚན་དུ་ན་གཞོན་རྩོམ་པ་པོ་དག་གི་རྩོམ་ལུས་ལ་ཚད་བཀག་མེད་པར་འགོད་རྩིས་ཡོད་པས་རྒྱ་ཆེ་བའི་རྩོམ་པ་པོ་དག་གིས་ལེ་ཚན་གང་རུང་དུ་རང་ཉིད་ཀྱིས་གང་མཚམས་ཀྱི་བསྐུར་གནང་ཡོང་བར་ངེད་རྩོམ་སྒྲིག་ཁང་གིས་

སྙིང་ཁོང་རུས་པའི་སྟེང་ནས་རེ་སྒུག་གི་ལག་ཟུང་བསྲིངས་ནས་ཡོད། ཚགས་པར་དུ་བཀོད་ཡོད་པའི་རྩོམ་པ་པོ་དག་ལ་ཚགས་པར་རེ་བསྐུལ་ངེས་ཡིན།ས་གནས་གསལ་བོར་འབྲི་དགོས།
ཟུར་བཤད
ཚགས་པར་འདི་འདོན་ཐེངས་ལྔ་ནས་དྲུག་གི་བར་སླེབས་ཚེ་ཚོགས་འདུ་ཐེངས་རེ་བསྡུས་ནས་གསར་འགྱུར་སྐོར་མཁོ་འདོན་བྱེད་མཁན་དང་རྩོམ་ཡིག་རོལ་མོ་ལེ་ཚན་དང་ཞོགས་ཉི་ལེ་ཚན་གཉིས་ལས་གང་བཟང་དག་

གདམས་ཏེ་བྱ་དགའ་སྟེར་བའི་ཚོགས་འདུའང་བསྡུ་རྒྱུ་ཡིན་པས་རྒྱ་ཆེ་བའི་རྩོམ་པ་པོ་དང་ཀློག་པ་པོ་དག་གིས་ང་ཚོ་ལ་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ང་ཚོས་སྙིང་ནས་རེའོ།

འབྲེལ་གཏུགས་བྱེད་ས།  jy15809733766@163.com

                                QQ:1360749620

 


 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号