
ཨ་མདོའི་ཨ་བར་ནང་སོའི་ཆབས་འོག་ཏུ་འབོད་པའི་རོང་འབྲོག་ཚོ་ལྔའི་དགོན་ མཆོག་འགར་རྩེ་ཆོས་དགོན་གྱི་《ཚོ་ལྔའི་ཚགས་པར》རྩོམ་སྒྲིག་ཁང་གིས་བསྒྲུབས་པའི་རྩོམ་རིག་དང་སློབ་གསོ་ཡར་སྐུལ་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཟླ་འདིའི་ཚེས་ བཅུ་ཉིན་དགེ་འདུན་ཆོས་འཕེལ་སློབ་འབྲིང་དུ་བསྡུས། འདུ་ཚོགས་འདི་བསྡུས་པའི་དམིགས་ཡུལ་ནི་བོད་གངས་ཅན་གྱི་སྐད་ཡིག་རིག་གནས་དར་སྤེལ་དང་སྐད་ཡིག་སློབ་གསོ་ལ་རྒྱབ་སྐྱོར། རྩོམ་རིག་ལས་གཉེར་བ་དག་གི་བསམ་པའི་རྒྱགས་ཕྱེར་སྟོབས་སྣོན་གཏོང་བ་དང༌། སྒོས་སུ་ཡུལ་རོང་འབྲོང་ཚོ་ལྔའི་སྔོན་བྱོན་མཁས་དབང་དམ་པ་དག་གི་མཛད་རྗེས་ཀྱི་ འཕྲིན་ལས་རླབས་པོ་ཆེ་མི་ཉམས་རྒྱུན་འཛིན་བྱེད་པའི་དན་རྟགས་སུ་སྤེལ་པ་ཡིན།
བྱ་འགུལ་འདིའི་བྱ་དགའི་རྣམ་གྲངས་ལ་ལེགས་འདེམས་རྩོམ་པ་པོའི་བྱ་དགའ་དང༌།དཔེ་ལེགས་དགེ་རྒན་གྱི་བྱ་དགའ། སྦྱངས་འབྲས་ཡར་ཐོན་གྱི་བྱ་དགའ་བཅས་རིགས་གསུམ་དུ་བྱས་ཡོད།
འདུ་ཚོགས་ལ་རྐང་འཛིན་རྩོམ་པ་པོ་དང་འབྲེལ་ཡོད་རྩོམ་སྒྲིག་པ། གདན་ཞུའི་དགེ་བཤེས་ཆེན་མོ།མཚོ་སྔོན་སློབ་གྲྭ་ཆེན་མོའི་དངོས་གཞི་དགེ་རྒན། སློབ་འབྲིང་གི་དགེ་སློབ་སོགས་མི་སྣ་སུམ་བརྒྱ་ལྷག་ཙམ་ཞིག་ཞུགས།
བྱ་འགུལ་གྱིས་ཚོ་ལྔའི་ཚགས་པར་ནི་ཕ་གཞིས་རིག་གནས་སྲོག་ཏུ་སྲུང་པའི་རྩོམ་རིག་གི་ཞིང་ས་ཞིག་ཡིན་པས་རང་གི་རིག་གནས་ལ་ཤ་ཚ་སྙིང་ཉེ་བྱེད་པ་ཁ་རྩ་དགོས་གཏུགས་ཀྱི་ དོན་ཞིག་ཡིན་པ་ནན་གྱིས་བསྟན་ཅིང༌། ཕྱིས་སུ་ཚགས་པར་ཁོ་ན་མ་ཡིན་པར་འགར་དགོན་རྩོམ་རིག་གི་མངའ་ཐང་ཆེན་མོ་ནས《དུས་རབས་ཀྱི་བསམ་གཞིགས》 དང་《འོད་ལྔའི་གུར་ཁང》སོགས་དང་ལག་རྡང་གཅིག་སྦྲེལ་གྱིས་རི་བོ་གངས་ཅན་པའི་རྩོམ་རིག་ལ་ཁ་དོག་གསར་བ་རེ་སྣོན་ཐུབ་པའི་ཆོད་སེམས་བསྟན་ཡོད་པ་རེད།
ཚོགས་འདུའི་རྒྱུད་རིམ།












དཔྱད་གཏམ།