༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
མར་ནང་སྐུ་གཞོགས་འཇིགས་མེད་དམ་ཆོས་རྒྱ་མཚོའི་ལོ་རྒྱུས།
བྱང་ཆུབ་སྙིང་ལྕགས། 09-04-29 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

མར་ནང་སྐུ་གཞོགས་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ནི་རོང་འབྲོག་ཚོ་ལྔའི་ཆར་གཏོགས་ཨ་བར་ཞེས་བྱ་བའི་ཚོ་བར་སྤྱི་ལོ་༡༨༩༨ལོར་སྐུ་འཁྲུངས། ཤར་སྐྱབས་མགོན་མཆོག་དང་ཞྭ་དམར་པཎཊིཏ་རྣམ་གཉིས་རྗེ་འཇིགས་མེད་བསམ་གཏན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། དགུང་ལོ་བདུན་པར་རྗེ་གོང་མའི་གདན་ས་ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། རྗེ་ཞྭ་དམར་བ་དང་ལྕང་ལུང་ཁྲི་རྒན་འཇམས་དབྱངས་ཐུབ་བསྟན་རྒྱ་མཚོ་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་ལས་བྱམས་ཆོས་དང་བཀའ་པོད་ལྔའི་མཚོན་པའི་ཀ་གཞུཝང་ལུགས་དང་སྒྲ། སྙན་ངག་སོགས་གསན་བསམ་དང་སྦྱངས་བ་མཐར་ཕྱིན་མཛད།དགུང་ལོ་ཉེར་དྲུག་སྟེང་བདེན་པ་བཞི་ལས་བརྩམས་པའི་རྩོད་ཡིག་《འཇིགས་མེད་རིགས་པའི་གད་རྒྱངས》ཞེས་བྱ་བ་མཛད།དགུང་ལོ་སུམ་བཅུ་བར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཁྲིར་བཞུགས་སྟེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།གོང་ས་ཐམས་ཅད་མཁྱེན་པའི་རིགས་ཀྱི་ཅོད་པཎ་དུ་བཀུར། གསུང་རབས་ཀྱི་དཀའ་འགྲེལ་དང་རྟོགས་བརྗོད། རྣམས་ཐར་སོགས་གསུང་འབུམ་པོད་ཉི་ཤུར་ཉེ་བ་མཛད། དགུང་ལོ་ཞེ་དགུ་བ་སྤྱི་ལོ་༡༩༤༦ལོར་སྐུ་ཞི་བའི་དབྱིངས་སུ་གཞོལ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号