༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
བྱང་ཆུབ་མི་ལ་ངག་དབང་བསོད་ནམས་ཀྱི་ལོ་རྒྱུས།
བྱང་ཆུབ་སྙིང་ལྕགས། 09-04-29 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

བྱང་ཆུབ་མི་ལ་ངག་དབང་བསོད་ནམས་ནི་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་བྱང་ཆུབ་ཞེས་པར་སྤྱི་ལོ༡༦༤༦ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་བཀྲ་ཤིས་འཁྱིལ་དུ་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགུང་ལོ་བཅུ་བཞི་བར་རོང་བོ་དགོན་ཆེན་དུ་ཐུགས་གཉེར་དང༌། ཉི་ཤུ་བར་ཡབ་རྗེ་བླ་མའི་བཀའ་ལྟར་དབུས་སུ་འབྲས་སྤུངས་སྒོ་མང་ཆོས་གྲྭར་བསྡུས་གྲྭ་ནས་གཞུང་བཀའ་པོད་ཡོངས་རྫོགས་སྦྱངས་བ་མཐར་ཕྱིན་ནས་མཁས་པའི་གྲགས་སྙན་རྒྱས། རྒྱུད་སྨད་དུ་སྔགས་ལ་སྦྱངས། ལྔ་བ་ཆེན་པོ་ལས་བརྙེན་པར་རྫོགས། དགུང་ལོ་ཉེར་བདུན་པར་རང་ཡུལ་དུ་བྱོན། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་རྩ་བའི་བླ་མར་བསྟེན་ནས་སྐུ་འདས་ཁའི་བར་སྐུ་དྲུང་དུ་བཅར། བླ་མ་ཞིང་ཁམས་གཞན་ལ་བཤེགས་རྗེས་རོང་བོ་བཀྲ་ཤིས་འཁྱིལ་དང༌། ཚ་རྒྱལ། མགར་རྩེ་རྣམས་སུ་ཐུན་དྲུག་དང་ཐུན་བཞིའི་རྣལ་འབྱོར་སོགས་ཉམས་ལེན་ལ་བརྩོན་པ་འཛད། དགུང་ལོ་ང་གསུམ་པར་ཅོ་ནེ་དགོན་ཆེན་གྱི་ཁྲི་བ་མཛད་ཅིང་དགུང་ལོ་ང་ལྔ་བ་ལ་ཅོ་ནེ་དགོན་ཆེན་གྱི་བཅའ་ཡིག་བརྩམས། དགུང་ལོ་ང་དགུ་བར་དབུས་སུ་བྱོན(འདིའི་ཡན་དུའང་དབུས་སུ་ལན་བདུན་ལ་ཕེབས་མྱོང)དགུང་ལོ་རེ་ལྔའི་སྟེང་ནགས་མདོའི་ཁྲིར་ཕེབས། དགོན་འདིར་མཚན་ཉིད་གྲྭ་ཚང་བཙུགས། སྔ་ཕྱིར་ཞལ་ཐང་མང་པོ་དང༌། ཕྱག་དཔེ་པོ་ཏི་ཉིས་བརྒྱར་ཉེ་བ་སོགས་རྟེན་གསུམ་མང་དུ་བཞེངས། དཔོན་སློབ་གྲགས་པ་བཤད་སྒྲུབ་དང་རེབ་ཚ་སྤྲུལ་སྐུ་ངག་དབང་བྱམས་པ་སོགས་བསྟན་པའི་ཀ་ཆེན་འདེགས་ནུས་པའི་བུ་སློབ་མང་དུ་བྱོན། གསུང་འབུམ་ལ་པོ་ཏི་གཉིས་ལྷག་བཞུགས། དགུང་ལོ་དོན་གཅིག་པ་སྤྱི་ལོ་༡༧༡༧ལོར་རྗེ་བཙུན་མི་ལའི་སྐུའི་རྣམ་པས་ཀྲོངས་པའི་ཚུལ་བསྟན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号