སློབ་གྲྭ་ཆེན་མོའི་༼རང་གྲོལ་རྩོམ་རིག་བྱ་དགའ༽དེ་སློབ་བུ་༤༠ལྷག་གི་རྩོམ་ཡིག་བཀོད་ནས་ད་ལམ་མཇུག་བསྡུ་ཚད་ལ་ཐོན་ཡོད་༼སྤྱི་ཟླ་༡༢པའི་ཚེས་༢༨ཉིན་གྱི་པར་ངོས་བཀོད་སྒྲིག་སྟེང་ལ་རྩོམ་གྱིས་མི་ལོངས་པས་མྱུར་དུ་བསྐུར་རྒྱུ་རེ་བ་ཡང་ཞུ༽ལ། ༢༠༡༡ལོའི་ལོ་མགོར་དངོས་སུ་བྱ་དགའི་ཚོགས་ཆེན་བསྡུ་རྒྱུ་ཡིན་པས་དེ་དོན་ཐུགས་ལ་འཛིན་གྱིན་སྐབས་དོན་བརྡ་སྦྱོར་དག་ལ་ཉམས་འཇོག་རྒྱུ། །
ད་སྔ་ཡན་ཆད་དུ་རྩོམ་ཡིག་བཀོད་ཟིན་པའི་སློབ་གྲོགས་དག་གི་མིང་བྱང་།
.jpg)
ཀན་སུའུ།
<<བཀྲེས་ལྟོགས་ཀྱི་འགྱུར་ཁུགས>> འཇམ་དཔལ་རྡོ་རྗེ།
<<ང་ཁྱོད་ཀྱི་སྐྱེས་པ་གསོད་མཁན་གྱི་མི་དེ་མིན>> ཁ་བ་སྙིང་ལྕགས།
<<དམྱལ་བའི་ལྷ་ཡི་གློ་མཆིན་མཐོང་ཚུལ>> རྩེ་སྲས་ཨ་རྡོ།
<<ཁེར་རྐྱང་གི་མཚན་མོ་དང་ངའི་བསམ་གཞིག་གི་འཁོར་ཕྱོགས>> གཡུ་སྲས།
<<ཕྱི་རོལ་ནས་མིག་ཟུང་བགྲད་ན>> རིན་ཆེན་དོན་གྲུབ།
<<སྙིང་གི་ཕུར་བ་བརྡབས >> དགུ་ཚིགས།
<<དཔའ་རིས་བུ་མོ >> འབའ་སྨད་རྒྱ་ལོ་ཚེ་རིང་།
<<སྨྲེང་གཞས>> ཆེ་ཚང་མ་རྡོ་རྗེ་ཚེ་རིང་།
<<ང་དང་ངའི་སྙན་ངག>> གཡག་གྲུ་གཟིངས།
<<མིག་ཆུ་སེམས་ལ་ལྷུང་ནས་ཁོ་མོ་དྲན་ཚུལ>> རི་འཚེར་དབང་རྒྱལ་ཚེ་རིང་།
<<ས་ཡུལ་ཤུལ། གནམ་ཡུལ་ཤུལ>> རིག་སྨོན་དཀོན་མཆོག
<<སྒོར་སྒོར་མ་འགྲུབ་པའི་ཟླ་བ >> ལྡེ་མིག
<<གཉིད་ཟིན་པའི་ཁྱེད>> བྱང་ཁུ་ལོ།
<<མིན། ངས་ཁྱེད་རང་བརྗེད་ཀིན་མེད >> ཞོགས་ཆར།
<<ཕ་ཡུལ་ལགས>> ཏཱ་ནི་སྨྱུ་གུ།
<<མེས་པོར་ཞུ་བ>> འབྲོག་བུ།
<<ཕ་ཡུལ། སྙིང་གི་ཟབ་སར་འཁྱིལ་བའི་ཕ་ས་ཕ་ཡུལ>> བདེན་ཞུན།
<<བདག་གི་གློ་རྟ་རྐྱང་རྒོད>> དཔའ་མཆོག་རྟ་མགྲིན་རྡོ་རྗེ།
<<དཔྱིད་ཀ་རལ་བོ>> སྒྲེན་པོ།
<<སྒྱུ་རྩལ་གྱི་ཕ་ས>> དཔལ་མོ་རྒྱལ།
ལྷ་ས།
<<དགུན་ཁ་དེ་དྲན་ཚེ>> ས་དམར་གྲགས་པ།
<<ང་དང་ལྷ་སའི་རྒྱང་ཐག >> ཚེ་སྐྱིད་ལྷ་མོ།
པེ་ཅིན།
<<ཟླ་འོག་གི་རྨི་ལམ>> དཀར་ལུང་དབང་གྲགས་རྡོ་རྗེ།
<<སྐར་མ་དང་སྐར་མའི་སྐར་མ>> ཚེ་དབང་རྣམ་རྒྱལ།
<<ཚངས་དབྱངས་རྒྱ་མཚོ>> གཡག་བུ་དཔལ་རྩལ།
<<ཁྱུང་མཆུ་ནས་གླུ་ཞིག་ལེན་འདོད>> སྨུག་པོ།
<<ཁྱེད་ནི་བདག་གི་ནམ་མཁའ་ལགས་ན>> ཨ་བོ།
ཟི་ཁྲོན།
<<དཀའ་ཐུབ་ཀྱི་བདེན་པ>> མགོན་པོ་རྡོ་རྗེ།
<<སྙིང་དམར་པོ>> གདུགས་དཀར་ཚེ་རིང་།
<<འགྲོ་རན་པའི་ང་རྒྱལ >> མགོར་རྡོར།
<<རིགས་ཞེན་གྱིས་དེད་པའི་བསམ་བློ>> རྔ་བ་ཡོན་ཏན།
མཚོ་སྔོན།
<<མགོ་བོ་ཡར་དགྱེ་དུས>> འབྲུག་རྩེ་རྒྱལ།
<<ས་ཆེན་གྱི་ཤམ་པ་ལ>> ལྕགས་ཐར་འབུམ།
<<ཆར་བ་ཟམ་ཟིམ་དང་བདག་གི་དྲན་གཞིགས>> རོ་ལངས།
<<སྐར་མདའ་མི་ཚོགས་ཁྲོད་ལྷུང་བའི་འཇིགས་པ>> སོག་ཚང་སྐར་རྒྱན།
<<འདྲེ་མོའི་གཉེན་སྟོན>> སྦྲ་སྲས་ནག་པོ།
<<གངས་དཀར་ལྷ་མོ>> ལྕགས་བྱམས་རྒྱལ།
<<སད་ཀིན་པའི་བྱིས་པ་འདི་དག>> གཉན་བུ།
<<བདག་གི་སྨྱུག་ཤོག་བརླན་བྱུང>> ཞོ་སྐྱེས་ཀླུ་རྒྱལ་དོན་གྲུབ།
<<ལང་ཚོའི་ཞབས་རྗེས>> གཅན་ཨ་རྡོར།
<<དཔྱིད་ཉམས་མ་བོར་བའི་སྒོ་ཞིང>> སྒང་སྐྱེས་རྡོ་རྗེ་ཚེ་བརྟན།
<<དལ་འབྱོར་ལམ་བཟང་རྙེད་པའི་སྨོན་ལམ>> རྭ་ཚང་དུག་གྲོལ།
<<ས་སྲོད་ལ་ཐོས་པའི་དམྱལ་ཟངས་ནང་གི་མཛའ་གཞས>> གངས་སྲོང་རིག་གྲོལ།
<<རྒས་པའི་ད་ལྟ>> ངར་མ།
<<ཕ་ཡུལ། ང་ཡི་ཕ་ཡུལ>> མགོན་པོ་ཚེ་བརྟན།
ཆ་རྐྱེན་གསལ་བཤད།
དང་པོ། འགྲན་ཞུགས་པ་དག་ངེས་པར་དུ་སློབ་གྲྭར་གནས་པའི་སློབ་མ་ཡིན་དགོས་ལ་དམའ་འབྲིང་དང་མཐོ་འབྲིང༌། སློབ་ཆེན་གསུམ་གྱི་སློབ་མ་གང་ཡིན་ཡང་ཆོག
གཉིས་པ། རྩོམ་ཡིག་ཐད་ཀར་ངེད་རྩོམ་སྒྲིག་ཁང་དུ་བསྐུར་ཆོག ༼ ཡིག་ཤུབ་དང་ཡིག་སྒམ་གང་རུང་བརྒྱུད་བསྐུར་ཆོག༽
གསུམ་པ། རྩོམ་ལུས་རང་མོས་སྙན་ངག་ཡིན་དགོས་ལ་ཚིག་རྐང་དྲུག་ཅུ་ལས་བརྒལ་མི་ཆོག་པ་དང༌། བརྗོད་བྱ་ཚད་དང་ལྡན་དགོས།
བཞི་བ། དཔྱད་འདེམས་ཀྱི་རྣམ་པ་དེ་གཙོ་བོ་བསམ་བློ་དང་སྒྱུ་རྩལ། མྱོང་སྤྲོད་བཅས་ཀྱི་དགོས་པར་དམིགས་རྒྱུ།
ལྔ་བ། སློབ་གླིང་སྙན་ངག་པའི་མཚན་སྙན་བྱ་དགའ་འཐོབ་མཁན་གྱི་མི་བཅུ་ལ་བྱ་དགའི་འཛིན་ཡིག་དང་དམངས་སྒོར་3000རེ་བསྟེར་རྒྱུ། (དེའི་ཁྲོད་མཐོ་འབྲིང་དང་དམའ་འབྲིང་གི་མི་གཅིག་རེ་དང༌། གདན་ཞུས་རྩོམ་སྒྲིག་པ་གཅིག་འདུས་ཡོད།)
དྲུག་པ། དྲང་གཞག་ཡོང་བ་བྱ་ཆེད་བྱ་དགའ་མ་བྱིན་སྔོན་ལ་རྩོམ་ཡིག་འགྲན་ཞུགས་ལ་བདམས་ཟིན་པའི་སྙན་ངག་པ་དག་གི་མིང་ཡིག་དང་བརྩམས་ཆོས་དྲ་ཚིགས་སོགས་སུ་གསལ་བསྒྲག་བྱ་རྒྱུ་ཡིན།
བདུན་པ། སློབ་ཆུང་སློབ་མ་དག་གི་རྩོམ་ཡིག་དེ་རྩོམ་ལུས་ཚད་བཀག་མེད་པར་པར་ངོས་གསུམ་པར་བཀོད་པ་རྣམས་ལས་ཕུལ་བྱུང་བྱ་དགའ་སློབ་མ་བཅུ་ལ་སྟེར་རྒྱུ་དང༌། བྱ་དགའི་འཛིན་ཡིག་དང་དམངས་སྒོར་300རེ་སྟེར་རྒྱུ།
བརྒྱད་པ། 2010ལོའི་ཟླ་4བ་ནས་རྩོམ་ཡིག་བསྡུ་འགོ་རྩོམ་རྒྱུ་ཡིན་ལ། 2010ལོའི་ཟླ་11པར་བསྡུ་མཚམས་འཇོག་རྒྱུ།
དགུ་བ། རྩོམ་བསྐུར་ཡུལ།
青海省黄南报社藏文编辑部 多杰才旦(ཡིག་ཤུབ་ཀྱི་རྒྱབ་ཏུ་“འགྲན་ཞུགས་རྩོམ་ཡིག”ཅེས་འབྲི་རྒྱུ།)
邮编:811300
ཡིག་སྒམ། E-mail:regangl@163.com




དཔྱད་གཏམ།