༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སྙན་དེབ་༼མདུད་པ༽འགྲེམ་སྤེལ་གྱི་འདུ་ཚོགས་སྐོར།
དྲ་བའི་གསར་འགོད་པ། 12-01-31 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

   

སྤྱི་ཟླ༡ཚེས༣༠ཉིན་གྱི་ཕྱི་དྲོའི་མཚམས་སུ་ཡུལ་རེབ་གོང་གི་རྩོམ་རིག་ལ་དུངས་པའི་གཞོན་སྐྱེས་མང་པོ་ཞིག་༼དགུ་ཆུའི་རླབས་སྒྲ༽ཞེས་པའི་ཇ་ཁང་དུ་ལྷན་ཅིག་འཛོམས་ཏེ། ཉེ་ལམ་གསར་ཏུ་བཏོན་མ་ཐག་པའི་སྙན་ངག་པ་རོང་བོ་གངས་དཀར་གྱི་སྙན་དེབ་༼མདུད་པ༽འགྲེམ་སྤེལ་དང་སྙན་ངག་གི་གསོལ་ཇ་ཞེས་པའི་གླེང་མོལ་འདུ་ཚོགས་སྟབས་བདེ་ཞིག་བསྡུས།   དེའི་སྟེང་དུ་སྙན་ངག་པ་ཁྱུང་ཐར་རྒྱལ་དང་། རོང་བོ་དགེ་འདུན་ལྷུན་གྲུབ།  ཁྱུང་བཟང་།   རེ་རྐང་གླིང་།   ཁུ་བྱུག་སྔོན་མོ།   བྱང་སྒྲ་སྙན། ས་དཀྱིལ་ཚེ་བཀྲ།    དཔལ་བེའུ།  སྐྱ་མི།  ཐོ་རངས།  རླངས་ཚང་གཡག  དབང་ཕྱུག་སོགས་འདུས་ནས་རོང་བོ་གངས་དཀར་གྱི་སྙན་དེབ་༼མདུད་པ༽དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་། སྙན་ངག་གི་ལྟ་ཚུལ་ལྷུག་བརྗོད། དྲི་བ་དྲིས་ལན་དང་དགག་གཞག་སྤྲོ་རེས་སོགས་ཀྱི་རིམ་པ་གང་མཚམས་སོང་རྗེས་འདུ་ཚོགས་མཇུག་གྲོལ། འདུ་ཚོགས་འདི་ལྟ་བུ་བསྡུས་པས་གཞོན་སྐྱེས་མང་པོ་ཞིག་ལ་གསར་རྩོམ་གྱི་སྐུལ་འདེད་དང་། རྩོམ་པ་པོ་རྙིང་བ་དག་གི་གསར་རྩོམ་གྱི་མན་ངག་ལེན་པ། ཕན་ཚུན་གྱི་མཉེས་གཤིན་ཟབ་ཏུ་འགྲོ་བ་སོགས་ཀྱི་བཟང་ཆ་ཡོད་ཅེས་དེར་ཞུགས་ཀྱི་མི་ཁ་ཤས་ཀྱི་འདོད་བཞིན་ཡོད་དོ། །

ཚོགས་རའི་ཟུར་གཅིག 

 དྲི་བར་ལན་ལྡོན་བཞིན་པ།

སྙན་ངག་གྱེར་བ།

ཚོར་བའི་ཀློང་གི་སྙན་ངག་པ།

རླངས་ཚང་གཡག་གིས་བསྒྱུར་གནང་བའི་དེབ་དག་གཟིགས་འབུལ་གནང་བ།

མཚན་རྟགས་འགོད་བཞིན་པ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号