༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
སྐབས་བཞི་བའི་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་འདུ་ཚོགས་ཀྱི་གསལ་བརྡ།
གུ་རུ་དོན་འགྲུབ། མར་ཁུ་རྒྱལ་མཚན། 10-07-08 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

ཐག་ཉེ་རིང་ཀུན་ན་གནས་ཡོད་པའི་བོད་ཀྱི་མི་རབས་གསུམ་པའི་སྙན་ངག་པ་དག་ལ།སྐབས་བཞི་བའི་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་འདུ་ཚོགས་དེ་སྤྱི་ལོ་2010ལོའི་ཟླ་7པའི་ཚེས་23ཉིན་རྨ་ཀླུང་སྔོན་མོའི་འགྲམ་རྒྱུད་ན་ཆགས་ཡོད་པའི་ས་གཅན་ཚ་ནས་འཚོག་རྩིས་ཡོད་པས། གྲོགས་པོ་ཀུན་གྱིས་སྒེར་དོན་དང་གཞུང་དོན་ཐམས་ཅད་རྒྱབ་ལ་བསྐྱུར་ནས་སྙན་ངག་རུམ་གང་འཁྱེར་ཏེ་དུས་ལྟར་འབྱོར་རྒྱུར་སྙིང་ནས་རེ།


འདུ་ཚོགས་ཀྱི་གོ་རིམ་གཤམ་གསལ་ལྟར།

ལེ་ཚན་དང་པོ། ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་འདས་པོ་རྣམས་ལ་མྱ་ངན་ཞུ་བ།

ལེ་ཚན་གཉིས་པ། མི་རབས་གསུམ་པའི་སྙན་ངག་པ་ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་ངག་གྱེར་འདོན་འདུ་ཚོགས་བསྡུ་བ།

ལེ་ཚན་གསུམ་པ། མི་རབས་གསུམ་པའི་དེབ་ཕྲེང་གཉིས་པ་བདེ་ལེགས་ངང་འཁྲུངས་པར་རྟེན་འབྲེལ་ཞུ་བ་དང་མི་རབས་གསུམ་པའི་ཚགས་པར་བསྒྲུབ་སྟངས་ཐད་བགྲོ་གླེང་བྱེད་པ།

ལེ་ཚན་བཞི་བ། ཚོགས་མི་གསར་བས་རང་ཉིད་ངོ་སྤྲོད་བྱེད་པ་དང་སྙན་ངག་གྱེར་འདོན་བྱེད་པ །

ལེ་ཚན་ལྔ་པ། མི་རབས་གསུམ་པའི་སྙན་ངག་པ་དག་གིས་སྙན་ངག་གྱེར་བ་དང་གདན་ཞུས་སྐུ་མགྲོན་དག་དང་མཉམ་དུ་བོད་ཀྱི་སྙན་ངག་གི་ད་ལྟའི་གནས་བབ་དང་མ་འོངས་པའི་སྐོར་གྱི་བསམ་ཚུལ་ལྷག་བསམ་དག་པས་བརྗེ་རེས་བྱེད་པ།

དྲུག་པ། མིང་དུ་གྲགས་པའི་ཁམས་རྭའི་ཡུལ་ལྗོངས་ལ་ལྗོངས་རྒྱུ་རུ་ཕེབས་པ།

བདུན་པ། བདེ་མོ་འཇོག་པ། 
                                                  ཞེས་དང་བླངས་ལས་མི་གུ་རུ་དོན་འགྲུབ་དང་མར་ཁུ་རྒྱལ་མཚན་གཉིས་ནས།
                                                  འབྲེལ་གཏུག་ཁ་པར། 13299734380 15909737949
                                                                                           སྤྱི་ལོ་2010ལོའི་ཟླ་7པའི་ཚེས་8ཉིན་ཕུལ།
 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号