༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
བདག་གི་གྱང་ངོས།
ལྷམ་ཀོག 11-03-28 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

གྱང་ངོས་ལས་གྲྭ་ཤག་ཁུར་བའི་རས་སྦལ་ཞིག་མཐོང
རྩིབ་མ་སུམ་བརྒྱ་དྲུག་ཅུ་ལྷག་བགྲད་པའི་རས་སྦལ་དེ
མདུན་དུ་ནུར་གྱིན་ནུར་གྱིན་རྒྱ་མཚོ་ལ་ལྕེབས་འགྲོ
ད་དུང་རྨི་ལམ་ཁུར་བའི་རས་སྦལ་གྱི་མིག་འབྲས
བ་སྤུ་ལ་ཞེ་སྡང་སློང་བའི་རྒན་པོ་ཨུ་ཚུགས་ཅན་ཞིག
ཤིང་སྐྱོགས་ཀྱིས་བཟོས་པའི་ཅ་ནེ་ཞིག་གི་ཁར་གཡེངས་ཏེ
བྱང་གི་རས་སྦལ་སེར་པོ་ཡིན་ཟེར

སྔར་དང་མི་འདྲ་བར
དོ་ནུབ་གྱང་ངོས་ལས་སྐྱེ་དངོས་མང་པོ་འཚངས་ཀའི་ངང་འོང
ཁ་མིག་དང་རྣ་བ་ཐོགས་པའི་ཤི་གོད་ཀྱི་ཆག་འཇིག་དེས
བདག་གྲུ་ཁ་ཆུང་ཆུང་ཞིག་གི་ནག་ཐིག་ཅིག་ཏུ་བསྒྱུར་ནས
ཤ་ཟད་པགས་པ་སྐེམ་པའི་སྡིག་སྲིན་རྭ་ཀོག་ཅིག་ཏུ་བསྒྱུར་ཏེ
འཐབ་རྩོད་བྱ་དགོས་ཟེར

དོ་ནུབ་གྱང་ངོས་འདི་ན་མི་འཛོམས་པ་གཅིག་ཀྱང་མེད་དེ
འཚིག་རོ་ལྟར་མི་སྡུག་པའི་འཆི་བདག་དང
བྲེལ་ཟིང་ལ་གོམས་པའི་བདག་གི་ལུས་ཀྱི་ཕུང་པོ
གནམ་འོག་ན་སྐད་ཅོར་འདོན་པའི་བརྩེ་དུངས
འཇོར་གྱིས་བརྐོས་པའི་ཨི་ཁུང་གང་ཡིན་ས་ནས་བཞུར་འོང                   

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号