
ཉེ་བའི་ཆར་རང་རེའི་རྩོམ་སྟེགས་སུ་དགེ་ཆོས་ཞིབ་འཇུག་དང་རང་གྲོལ་ཞིབ་འཇུག་གི་ལམ་ཁར་འཇུག་པའི་ཤེས་ལྡན་པ་མང་པོ་བདོག་ལ། དེ་ལས་བོད་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་མེ་ལྕེ་ལགས་ཀྱིས་སྔོན་མར་ཡང་མྱི་དོན་སྲོག་སྙིང་དུ་བཟུང་ཡོད་པའི་དགེ་ཆོས་ཀྱི་ཐད་ནས་རྩོམ་ཡིག་མང་པོ་བྲིས་མྱོང་ཞིང་། ཐེངས་འདིར་ཁོང་གིས་<<དགེ་ཆོས་ཞིབ་འཇུག>>ཅེས་པའི་དེབ་འདིའི་གཙོ་སྒྲིག་པའི་འགན་བཞེས་ཏེ་མི་རིང་བར་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་རྩིས་འདུག གཞན་<<དགེ་ཆོས་ཞིབ་འཇུག>>གི་འདོན་ཐེངས་དང་པོ་རུ་རྒན་པོ་ཤེས་རབ་རྒྱ་མཚོ་དང་ཧོར་ཁང་བསོད་ནམས་དཔལ་འབར། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་སོགས་ཀྱི་དགེ་ཆོས་སྐོར་གྱི་ཆེད་རྩོམ་བཅུ་བདུན་བསྡུས་ཡོད་པ་དང་། སླད་མར་ཡང་མུ་མཐུད་ནས་<<དགེ་ཆོས་ཞིབ་འཇུག>>འདི་དེབ་ཀྱི་ཕྲེང་བར་བསྒྲིགས་ཏེ་རིམ་པ་ལྟར་པར་དུ་བསྐྲུན་འཆར་ཡོད་འདུག




དཔྱད་གཏམ།