
«ལང་ཚོ» རྩོམ་རིག་དུས་དེབ།
མདོ་དབུས་ཁམས་གསུམ་གྱི་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་སྙན་ལམ་དུ་ཞུ་འཕྲིན།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཞིབ་འཇུག་སློབ་མས་གཙོ་གཉེར་བྱས་པའི«ལང་ཚོ»རྩོམ་རིག་དུས་དེབ་ད་ལྟར་པར་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ༢༠༡༡ལོའི་སྤྱི་ཟླ་དང་པོའི་ཚེས་དྲུག་གི་གཡས་གཡོན་དུ་ཚོང་རྭ་བཀྲམས་རྒྱུ་ཡིན་ཞིང་། རྩོམ་རིག་གི་དུས་དེབ་འདིར་སྙན་ངག་པ་རྒན་སྟོབས་ལྡན་དང་། རྒན་མཚོ་སྐྱེས། ཁྱུང་བཟང་། བུད་མེད་རྩོམ་པ་པོ་འཆི་མེད། རྒན་ལྷ་ཕྱུག གཅན་གངས་སྲས། སྒྲ་གཅན། མི་རབས་གསུམ་པའི་སྙན་ངག་པ་རེ་རྐང་གླིང་། མདོ་སྨད་ཧེ་རུ་ཀ རྭ་ཅོ་ནག་པོ། ཁ་བ་ལྷ་མོ། ཆོས་ཤུལ་གསང་བདག རྒན་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཞིབ་འཇུག་སློབ་མ་ཚོར་འཆད་ཁྲིད་གནང་བའི་དེང་རབས་ཀྱི་རིག་གཞུང་དཔྱད་རྩོམ་ཅི་ལྟར་འབྲི་ཚུལ་གྱི་སྐོར་གླེང་བ་སོགས་རང་མོས་སྙན་ངག་དང་། སྲོལ་རྒྱུན་སྙན་ངག ལྷུག་རྩོམ། བསྒྱུར་རྩོམ། འབོལ་རྩོལ། འཆད་ཁྲིད་བཅས་ལེ་ཚན་དྲུག་ཏུ་བཀར་ནས་རྩོམ་རིག་ལ་དགའ་བའི་ཀློག་པ་པོ་རྣམས་ལ༢༠༡༡ལོའི་ལོ་སར་ལེགས་སྐྱེས་ཀྱི་ཚུལ་དུ་ཕུལ་ཡོད་པས། ཀློག་མཁན་རྣམས་ཀྱིས་མངགས་ཉོ་བྱེད་པར་དགའ་བསུ་ཞུ།
འབྲེལ་གཏུགས་ཁ་པར་ཨང་གྲངས ༡༥༨༠༩༧༣༦༤༥༦




དཔྱད་གཏམ།