
རྨ་ལྷོ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱིས་2009ལོའི་སྤྱོད་ཡོན་གཉིས་འཛོམས་ཀྱི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ་དང་མཐོ་འབྲིང་སློབ་མ་འདེམས་སྟངས་ཀྱི་གནས་ཚུལ་རག་བསྡུས།
རྨ་ལྷོ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ནས2008ལོར་རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞིའི་སློབ་ཆེན་དང་མཐོ་འབྲིང་འགྲིམས་མ་ཐག་པའི་དབུལ་ཕོངས་སློབ་མར་སློབ་ཡོན་གྱི་དཀའ་ཁག་སེལ་བའི་རྣམ་གྲངས་དོན་དུ་གཉེར། རྣམ་གྲངས་འདི་ལ་ཟམ་པ་ཐེབས་རྩ་ཚོགས་པ་ནས་མ་དངུལ་གྱི་མཐུན་རྐྱེན་བསྐྲུན་པ་དོན་ཐོག་དུ་འཁྱོལ་བས་རྣམ་གྲངས་འདི་སྒྲུབ་པར་ངེད་ཚོགས་པའི་མི་སྣ་རྩ་འཛུགས་བྱས་ཏེ་ཟླ6པའི་ཚེས3ནས་ཚེས8བར་གྱི་ཉིན་ལྔ་ལ་དཀའ་ཁག་ཆེ་བའི་སློབ་མ་དེ་དག་སྐྱངས་མྱོང་པས་མཐོ་འབྲིང་གི་འཛིན་བདག་དགེ་རྒན་རྣམས་དང་འབྲེལ་འདྲིས་ཀྱིས་རྒྱུས་ལོན་བྱས་ནས་དཀའ་ཁག་ཆེ་བའི་སློབ་མ་མང་དག་ཅིག་གི་མིང་ཐོ་དང་ཕ་ཡུལ་སོགས་ཟིན་ཐོར་བཀོད་པ་ཡིན།ཟླ6པའི་ཚེས15ནས20བར་ང་ཚོའི་ཚོགས་པས་འབྲེལ་ཡོད་མི་སྣ་རྣམས་རྫོང་ཁག་བཞི་ན་ཡོད་པའི་དཀའ་ཁག་ཆེ་བའི་སློབ་མ་དེ་ དག་གི་ཕ་ཡུལ་དུ་ཕྱིན་ནས་ཁྱིམ་ཚང་གི་གནས་ཚུལ་དང་དཀའ་ཁག་ལ་རྒྱུས་ལོན་བྱས་ཤིང༌། ཟིན་ཐོར་བཀོད་དེ་གནས་ཚུལ་ངོ་མ་དང་དཀའ་ཁག་གི་ཆེ་ཆུང་ལྟར་གོ་ རིམ་བསྒྲིགས་ཤིང༌། ངེད་ཚོགས་པའི་འགན་ཁུར་པ་རྣམས་ཀྱིས་ཡང་ཡང་གྲོས་བསྡུར་བྱས་པ་བརྒྱུད་ནས། 2008ལོར་སློབ་ཆེན་དང་མཐོ་འབྲིང་དུ་ཞུགས་པའི་དཀའ་ཁག་ཅན་གྱི་སློབ་མ་ལྔ་བཅུ་ལྷག་གི་ཁྲོད་ནས་སློབ་ཆེན་སློབ་མ11དང་མཐོ་འབྲིང་སློབ་མ20ལ་སློབ་ཡོན་གྱི་རོགས་དངུལ་སྤྲོད་རྒྱུར་བདམས་ཐོན་ཐག་གཅོད་བྱས་ཤིང༌། སློབ་ཆེན་སློབ་མ་རེར་ལོ་རེར་སྒོར3000དང༌། མཐོ་འབྲིང་སློབ་མ་རེར་ལོ་རེར་སྒོར600 བསྟུད་མར་ལོ་གཉིས་རེ་ལ་རོགས་དངུལ་སྤྲོད་རྒྱུ་ཐག་གཅོད་བྱས་བ་ཡིན།
དཀའ་ཁག་ཆེ་བའི་རེབ་གོང་གི་སློབ་མ་ཉི་ཤུའི་ཁྲོད་ནས་དྲུག་འདེམས་པ་ཡིན། དེ་དག་ལ་རྒྱུས་ལོན་བྱས་པའི་ཟིན་བྲིས་རེ་གཉིས་བཀོལ་ན་འདི་ལ་ལྟ་སྟེ། དང་པོ་སློབ་མ་བཙུར་ཐར་སྐྱིད་ནི་རེབ་གོང་རྫོང་ཉ་ལུང་ཞང་ཉ་ལུང་སྡེ་བ་ནས་ཡིན་ཞིང༌། ལོ་ན་ཆུང་དུས་སུ་ཨ་ཕ་ནད་ཀྱི་མནར་ཏེ་འཆི་བདག་གི་ཁྱེར་རྗེས་མ་རྒན་གཅིག་པུའི་ལག་ཟུང་གི་ངལ་རྩོལ་ཡོངས་སྒོ་འབའ་ཞིག་གི་སློབ་གྲྭ་བསྐྱལ་དེ་ཐོན་པས་ད་ལྟ་དཀའ་ཁག་ཧ་ཅང་ཆེ་ཕྱིར་ཁོ་མོ་འདེམས་པ་དང༌། གཉིས་པ་རིན་ཆེན་རྒྱལ་ནི་ཕ་མེད་པའི་བྱིས་པ་དབུལ་བོ་ཞིག་ཡིན་ལ་ཨ་མ་གཅིག་པུའི་སློབ་གྲྭ་བསྐྱལ་བཞིན་པས། དེ་ལྟར་འདེམས་པ་ཡིན།གསུམ་པ་འབྲུག་བྱམས་མཁར་ནི་རེབ་གོང་རྫོང་ཞོ་འོང་ཆུ་དམར་སྡེ་བའི་ཡིན། ཕ་ཆུང་དུས་ནས་འདས་པས་ཨ་མ་གཅིག་པུའི་བུའི་ལྟོ་རྒྱབ་སྐྱོང་བཞིན་ཐོན། སྟབས་མ་ལེགས་པ་ཞིག་ལ་ལོ་འགའི་སྔོན་དུ་མ་རྒན་མི་འདོད་ནད་གྱི་མནར་ ནས་རྐང་ལག་ཞྭ་པོ་རུ་སོང་སྟེ་དབང་བོ་སྐྱོན་ཅན་དུ་གྱུར། ད་རེག་བར་བུ་གཅིག་ པའི་སློབ་ཡོན་གཞན་པའི་རོགས་སྐྱོབ་ལ་གཏན་ནས་ཐོན་པས་འདི་འདེམས་པ་ཡིན།
བཞི་བ་བཙུན་ཐར་སྐྱིད་(ཆེ)ནི་རེབ་གོང་རྫོང་རོང་བོ་ས་དཀྱིལ་ནས་ཡིན་ཞིང༌། ཕ་ཡི་བྱམས་བརྩེ་ཆུང་དུས་ནས་རོལ་མ་ཐུབ་ཅིང་མ་ཡང་ལོ་འགའི་སྔོན་དུ་གནས་ལ་ ཕྱིན་པས་ཤུལ་དུ་དྭ་ཕྲུག་དུ་ལུས་ཤིང༌། འཚོ་བའི་ཡོད་ཚད་མ་སྤུན་ཕུ་བོ་ལ་རྟེན་ བཞིན་པས་དཀའ་ཁག་ཧ་ཅང་ཆེ་ཕྱིར་ཁོ་འདེམས་པ་ཡིན། ལྔ་བ་འབྲུག་ལྷ་རྒྱལ་ ནི་རེབ་གོང་རྫོང་མགར་རྩེ་ཞང་ཀླུ་ཆུང་ཐང་གི་ཡིན། ཆུང་དུས་ནས་ཕ་མེད་པར་ཨ་ གཅིག་པུ་ལ་རྟེན་དགོས་ཕྱིར་དཀའ་ཁག་ཤིན་ཏུ་ཆེ་པས་ཁོ་འདེམས་པ་ཡིན།
དེ་བཞིན་དུ་གཅན་ཚ་རྫོང་གི་སློབ་གྲོགས་རྡོར་སྐྱིད་དང་གུར་མགོན་སྐྱབས། ཤ་ཕྲུག་མཚོ།རིན་ཆེན་རྒྱལ་བཞི་བོའི་ཕ་ཆུང་དུས་ནས་ཚེ་ལས་འདས་པས་ཨ་མ་གཅིག་པུ་ རྟེན་ཡོད་ཅིང་ཁོ་ཚོའི་སེམས་ཁམས་དང་གང་ཅིའི་ཐད་ནས་གནོན་ཤུགས་ཆེན་པོ་ ཐེབས་ཡོད་པས་ཁོ་ཚོ་ལྟ་བུའི་མི་བཅུ་གཅིག་གི་ཁྲོད་ནས་འདེམས་ཏེ་ཐག་བཅད་པ་ཡིན། དེ་བཞིན་དུ་རྩེ་ཁོག་རྫོང་གི་སློབ་མ་སྒྲོལ་མ་མཚོ་ནི་ཕ་མ་གཉིས་སྔ་དུས་ནས་བཟའ་ཐོར་བྱས་ཤིང་ཨ་མ་གཅིག་པུར་རྟེན་ཡོད་ཕྱིར་དཀའ་ཧ་ཅང་ཆེ་པས་འདེམས་པ་ཡིན། ཧི་ནན་རྫོང་གི་སློབ་གྲོགས་སྒྲོལ་མ་སྐྱབས་ནི་སློབ་སྦྱོང་ལ་བཟང་བོའི་སློབ་མ་ཡ་རབས་ཞིག་ཡིན་མོད་ཕ་དབང་བོ་སྐྱོན་ཅན་ཡིན་ལ་མ་ཡང་ནད་པ་ཞིག་ཡིན་ པས་ས་དཀའ་ཁག་ཧ་ཆེ་ཕྱིར་ང་ཚོའི་གནས་ཚུལ་རབ་དང་རིམ་པར་རྒྱུས་ལོན་བྱས་ཏེ་འདེམས་པ་ཡིན།
མཐོ་འབྲིང་སློབ་མ་ཡང་ཕ་འམ་མ་མེད་པའི་སློབ་མ་ལྟེ་བ་རུ་བཞག་ཏེ་རེབ་གོང་ནས་མི་བཅུ་དྲུག་འདེམས་པ་རྣམས་ནི་མགོན་པོ་རྒྱལ་དང་པདྨ་སྐྱབས༌། པདྨ་བསྟན་འཛིན། གཡང་མོ་རྒྱལ། ལྷ་འབུམ་བཀྲ་ཤིས། ཤ་བོ་དོན་གྲུབ། བཀྲ་ཤིས་རྒྱལ། འོ་མོ་ཅོག བསོད་ནམས་རྒྱལ་མཚན། རྣམ་རྒྱལ་བཀྲ་ཤིས། བྱམས་པ་སྐྱིད། སྙིང་བྱམས་ཚེ་རིང༌། སངས་རྒྱས་སྒྲོལ་མ། ཚེ་འབུམ་རྒྱལ། འབུམ་སྐྱིད་རྒྱལ། བན་ཏེ་རྒྱལ་བཅས་དང༌། ཧི་ནན་རྫོང་གི་འཇིགས་བྱེད་མཚོ་དང་གདུགས་དཀར་བཀྲ་ཤིས་གཉིས་ཀྱི་ གནས་ཚུལ་དངོས་ལ་གཞུགས་ནས་འདེམས་པ་དང༌། རྩེ་ཁོག་རྫོང་གི་དོན་ཡོན་ཚེ་ རིང་ངམ་མིང་གཞན་རྡོར་བྷ་དང་སྒྲོལ་མ་འབུམ་གཉིས་ལ་རྒྱུས་ལོན་བྱས་པ་ནས་ འདེམས་ཤིང༌། གཅན་ཚ་རྫོང་གི་སློབ་མ་ཉེར་གཅིག་ལས་ཤ་མོ་མཚོ་དང༌། རྡོ་རྗེ་ཚེ་རིང༌། དབང་ཕྱུག པདྨ་ཚེ་རིང༌། རྡོ་རྗེ་བཀྲ་ཤིས། ལྷ་རྒྱལ་ཚེ་རིང༌། སངས་རྒྱས་ཚེ་ རིང༌། རིག་འཛིན་རྡོ་རྗེ། རྣམ་རྩེ། ལོ་བྷ་སོགས་མི་བཅུ་འདེམས་ལས་ལོ་བྷ་ཁོ་རང་ཉིད་དབང་བོ་སྐྱོན་ཅན་ཡིན་པར་གཞིགས་ནས་འདེམས་པ་དང་གཞན་རྣམས་ནི་ཕ་མེད་པར་དཀའ་ངལ་ཆེན་པོ་མྱང་བའི་གནས་ཚུལ་དངོས་ལ་གཞིགས་ཏེ་འདེམས་པ་ཡིན་ནོ།
འདིར་འདེམས་ཐོན་བྱུང་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་གྲོགས་ཡོངས་ཀྱིས་འབྲེལ་ཡོད་ཡིག་ཆ་དང་འདྲ་པར་ཚུན་གང་ཅན་གཉིས་རེ་ཁྱེར་ཏེ་ངེད་ཚོགས་པར་འབྲེལ་གཏུག་གིས་རོགས་དངུལ་ལེན་དུ་ཡོངས་རྒྱུ་མཁྱེན།
འབྲེལ་གཏུགས་བྱེད་ས། རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས།
འབྲེལ་གཏུགས་མི་སྣ། ཚོགས་གཙོ བསོད་ནམས་རྡོ་རྗེ། ཁ་པར། 13209733338 ཡིག་སྒྲོམ sndi21@126.com
ཀྲུང་ཡིག་ཆེན་མོ་སྐུ་གཞོན བསོད་ནམས་དོན་གྲུབ །ཁ་པར། 13897135275 ཡིག་སྒྲོམ sndz009@163.com




དཔྱད་གཏམ།