རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱིས་ཟླ་འདིའི་ཚེས་༢༦ཉིན་ཏེ་ལུགས་རྙིང་ལོ་སར་གྱི་ཚེས༢༠ཉིན་སྤྱོད་ཡོན་གཉིས་ལེགས་ཀྱི་དབུལ་ཕོངས་སློབ་གྲྭ་ཆེན་མོ་བ་དང་མཐོ་འབྲིང་སློབ་མར་སློབ་ཡོན་དམངས་སྒོར་ཁྲི༢༣སྟེར་བའི་མཛད་སྒོ་དེ་རེབ་གོང་རྫོང་རོང་བོ་གྲོང་བརྡལ་གྱི་ཁུལ་ཟློས་གར་ཁང་གི་ཐང་ཆེན་དུ་སྤེལ།
དགེ་ཆོས་སློབ་འབྲིང་གི་སློབ་གཙོའམ་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་རྡོ་རྗེས་གཏམ་བཤད་གནང་གིན་པའི་ཚུལ།
རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཨ་དགེ་འདུན་དང་རྨ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གསེར་འོད་རྒྱལ་མཚན། ཐུན་རིན་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རྡོ་རྗེ་ཚེ་རིང་དང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལྷ་འབུམ་མཁར། ཟམ་པ་ཐེབས་རྩ་ཚོགས་པའི་སྐུ་ཚབ་པ་སོགས་འབྲེལ་ཡོད་མགོ་ཁྲིད་རྣམས་ཚོགས་འདུའི་སྟེགས་བུའི་སྟེང་སྡོད་པ།
རོགས་དངུལ་སྟེར་བའི་རྣམ་པ།
དྲན་རྟེན་འདྲ་པར།




དཔྱད་གཏམ།