༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
འཛམ་གླིང་རི་མོ་བ་གྲགས་ཅན། ༡
རྐང་གླིང་། 09-05-05 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

                         

ལེ་ཨོ་ན་ཏོ*ཏ*ཧྥིན་ཆི།(1452-1519) da Vinci,Leonardo དབྱི་ཏ་ལེའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་བྱུང་རི་མོ་བ་ཞིག་ཡིན་ཞིང༌། རླབས་ཆེན་གྱི་སྒྱུ་རྩལ་བ་འདི་ཉིད་རི་མོ་ཁོ་ནའི་ལས་སུ་མཁས་པ་ཤ་སྟག་ཅིག་མ་ཡིན་པར། རྩོམ་རིག་དང་ཤེར་རྟོག རྩིས་དངོས་རྫས་གསུམ་དང་རང་བྱུང་ཚན་རིག་སོགས་ལའང་ནང་བྱན་ཆུད་པའི་མཁས་པ་ཆེན་པོ་ཞིག་སྟེ། ཁོ་བས་མི་ལོ་ལྔ་བརྒྱ་འགོར་ལ་ཉེ་བའི་སྔོན་དེ་ག་ནས་ལུང་བསྟན་གྱི་ཚུལ་དུ་གནམ་གྲུ་དང་ཐེན་ཁེ་སོགས་ཀྱི་རིས་དབྱིབས་བྲིས་ཡོད་ལ། མི་རོ་སུམ་བཅུ་ལྷག་ལ་གཤག་བཅོས་བྱས་ཏེ་མིའི་དབང་རྩའི་གནད་དང་རུས་པའི་གྲུབ་ཚུལ། བྱིས་པ་མངལ་གནས་ཀྱི་རིས་དབྱིབས་སོགས་བྲིས་པ་དེ་དག་ཚན་རིག་ཤིན་ཏུ་དར་རྒྱས་ཆེ་བའི་དེ་རིང་གི་དུས་སུའང་ལག་སོན་འབྱུང་ཐབས་དཀའ་བའི་མ་དཔེ་རུ་གྱུར་ཡོད་དོ། །
 

 


མེང་ན་ལིས་ཧྲ།(ཕལ་ཆེར1503-1506)(སྣུམ་ཚོན 77 x 53ལི་རྨི)
བརྩམས་ཆོས་འདི་ཉིད་འཛམ་གླིང་གི་ཆེས་རིན་ཐང་ལྡན་པའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་ཨང་དང་པོ་དེ་ཡིན་ཞིང༌། ད་ལྟའི་བར་མི་ལོ་ལྔ་བརྒྱར་ཉེ་བའི་ལོ་རྒྱུས་ལྡན་པ་དེ་བཞིན་བརྩམས་ཆོས་འདིའི་ཐད་དུ་བརྩམས་པའི་དཔེ་དེབ་ཁོ་ནའང་བརྒྱ་ཕྲག་འགའ་ལོངས་པ་ཞིག་བརྩམས་ཡོད།
རི་མོ་འདིའི་དགེ་མཚན་གཙོ་བོ་དེ་མེང་ན་ལིས་ཧྲའི་ལྐོག་གྱུར་བབ་ཆགས་ཀྱི་གསང་བའི་འཛུམ་མདངས་དེ་དང༌། བདེ་སྐྱིད་ཆ་འགྲིག་གི་ལག་ངར། ཟུར་གསུམ་དབྱིབས་ཀྱི་རི་མོའི་མངལ་སྒོ་ཕྱེ་ཐུབ་པ་ནས། ཁ་དབུགས་ཀྱི་གསང་རྒྱ་གཏོར་ཏེ་རྒྱབ་ངོས་ཀྱི་ཡུལ་ལྗོངས་ཧྲིལ་བོ་འཚོ་བ་དངོས་དང་ཐོད་གཏུག་ཐུབ་ཡོད་པ་དེ་རེད་ལ། ནུབ་གླིང་གི་སྐུ་པར་བྲིས་མར་རྒྱུན་སྲོལ་དུ་ཆགས་པའི་ཟུར་ངོས་གཅིག་ནས་མིའི་འགྲམ་ངོས་ཕྱེད་ཀ་ཁོ་ན་འབྲི་བའི་རི་མོའི་ལུགས་སྲོལ་དེའི་འཆིང་རྒྱ་གཏོར་ཏེ་མདུན་ངོས་ནས་ཞལ་ཧྲིལ་བོའི་མ་དཔེ་བྲིས་ཏེ། མི་ཆོས་རིང་ལུགས་ཀྱི་བསམ་བློ་ཚུགས་སུ་ཐུབ་ཡོད་པ་དེ་རེད།



རི་མོ་འདིའི་བྱུང་འཕེལ་གྱི་ཤོད་རྒྱུན་དེ་གྲངས་ལས་འདས་པ་ཞིག་བྱུང་ཡོད་ནའང༌། གཙོ་ཆེར་གྱིས་ཁས་ལེན་ཐོབ་པའི་ཤོད་རྒྱུན་ནི་རི་མོའི་ངོས་ཀྱི་བུ་མོ་འདིའི་མ་དཔེ་དེ་ཧྥི་ལོ་ལུང་སའི་འབྱོར་ལྡན་པ་ཞིག་གི་ཆུང་མ་ཡིན་ཞིང༌། ཁོ་མོའི་འཛུམ་མདངས་ཀྱི་མ་དཔེ་འཚོལ་ཆེད། རི་མོ་བས་རི་མོ་འདི་ལོ་ངོ་གསུམ་ཙམ་ལ་བྲིས་ཤིང༌། བྱེད་ཐབས་སྣ་ཚོགས་པ་ཞིག་བཏོན་ནས་ཁོ་མོའི་འཛུམ་མདངས་ལ་ཞིབ་འཇུག་བྱས་རབ་ཤོད་ཡོད་ནའང༌། གལ་ཆེ་བ་ནི་"གསང་འཛུམ"དེས་རྗེས་རབས་པར་བཞག་པའི་དྲི་ཚིག་དག་རེད་ལ། དྲི་ཚིག་དེ་དག་གིས་མིའི་རིགས་ལ་དགོད་ཁ་འཆོར་དུ་འཇུག་པའི་གཏམ་རྒྱུད་ཀྱང་སྐྱོང་གིན་ཡོད་དེ།
དེ་སྔ་༡༩༩༣ལོར་ཁ་ན་ཏའི་མཛེས་རྩལ་ཞིབ་འཇུག་པ་ཞིག་གིས་མེང་ན་ལིས་ཧྲའི་མཆུ་སྒྲོས་དེ་སྐྱེས་པ་གཅེར་བུ་ཞིག་གི་དཔུང་པ་རེད་ཅེས་གནས་ལུགས་དང་བཅས་བཤད་མྱོང་ལ། རྒྱལ་ཁུངས་མི་འདྲ་བ་བརྒྱ་ལྷག་གི་ཆེད་མཁས་པ་དང་དཔྱད་བརྗོད་པ་དག་གིས། ལ་ལས་ཁོ་མོར་སོ་མེད་པས་ཁ་བཙན་གྱིས་བསུམ་པས་ན་ད་གཟོད་འཛུམ་དེ་འདྲ་ཐོན་པ་རེད་ཅེས་དང༌། ཡང་ལ་ལས་འཛུམ་མདངས་དེ་ཉིད་འཇིག་རྟེན་མཐུན་འཇུག་གི་ལས་སུ་ཞུགས་ནས་སྐད་ཅིག་མའི་བསོར་མོ་ཐོབ་རྗེས་ཀྱི་འཛུམ་ཞིག་རེད་ཅེས་ལུང་དང་རིག་པ་གང་མང་ཞིག་གིས་སྒྲུབ་བྱེད་བཀོད་ཡོད་ནའང་རི་མོ་འདིའི་རིན་ཐང་ཆོས་ཉིད་དེ་ནམ་མཁར་དཔྱིངས་པའི་ཉི་མ་ཞིག་གི་ཚུལ་དུ་འཇིག་རྟེན་གྱི་ཁྱོན་ཀུན་ལ་རིས་མེད་དུ་སྙོམས་པོར་འཕྲོས་ཀྱིན་ཡོད།
རི་མོ་འདི་མ་དཔེ་བྱས་ཏེ་འབྱུང་འགྱུར་རིང་ལུགས་ཀྱི་རི་མོ་བ་གྲགས་ཅན་ཏུའུ་སངས་གིས་"མེང་ན་ལིས་ཧྲ་ཁ་སྤུ་ཅན"ཞེས་པ་བྲིས་ཏེ་སྐད་གྲགས་ཆོད་མྱོང་ཡོད།


ཟུར་བཀོད་རི་མོ།


མེང་ན་ལིས་ཧྲ་ཁ་སྤུ་ཅན།ཏུའུ་སངསMarcel Duchamp(1887--1968)

མཐའ་མཇུག་གི་དགོང་ཟས།(ཕལ་ཆེར1498)(ལྡེབས་རིས 460 x 880 ལི་རྨི)
རི་མོ་འདི་ཉིད་ཏ་ཧྥིན་ཆི་ཡིས་ཡེ་ཤུའི་ལོ་རྒྱུས་དང་སྦྱར་ནས་བྲིས་པའི་ལྡེབས་རིས་ཤིག་སྟེ། ནང་དོན་གཙོ་བོ་ཡེ་ཤུ་ཡིས་བུ་སློབ་བཅུ་གཉིས་དང་ལྷན་དུ་ཁོ་ཚོའི་ཁྲོད་ཀྱི་སློབ་བུ་གཅིག་གིས་ཁོང་ཉིད་གཡོ་འཚོང་བྱས་ཚར་བའི་གཏམ་འཆད་པའི་དུས་སྐབས་དེའི་རིང་གི་མི་བཅུ་གསུམ་གྱི་འགལ་འདུའི་སེམས་ཁམས་འབྲི་བཞེངས་ཐུབ་ཡོད་པ་ཞིག་སྟེ། མི་རེ་རེར་རེ་རེའི་རྣམ་འགྱུར་ཁྱད་མཚར་བ་རེ་ཡོད་ནའང༌། གཙོ་བོ་སྟོན་པ་ཡེ་ཤུ་ཡི་ལྷོད་ཆགས་ཀྱི་ཉམས་འགྱུར་གཙང་མ་དེ་དང་སྒེའུ་ཁུངས་རྒྱབ་ཀྱི་དྭངས་གཙང་གི་ཡུལ་ལྗོངས་ཧྲིལ་བོ་དེའི་མཚོན་དོན་སོགས་ནི་ཕུལ་བྱུང་ནང་གི་ཕུལ་བྱུང་ཡིན་ལ། དེ་ལས་ཀྱང་བག་ཆགས་ཆེས་ཟབ་ས་ཞིག་ནི་ཡུག་ཏ*དབྱི་སའོ་ཁ་ལེ་ཨོ་རི་ཡིས་ལྐོག་རྔན་བླངས་ཏེ་སློབ་དཔོན་གཡོ་འཚོང་བྱས་རྗེས་ཀྱི་ཉམས་འགྱུར་དེ་ནུབ་ཕྱོགས་པའི་བྱིས་པ་ཞིག་ཡིན་པས་ཀྱང་དཔེ་འཇོག་གི་ཁ་དཔེ་ལྟ་བུར་གྱུར་ཡོད་དེ། ཁོའི་གདོང་ངོས་དེ་སློབ་བུ་གཞན་དང་མི་འདྲ་བར་ནག་རིས་ཀྱིས་མཚོན་པ་བྱས་ཐོག ལག་པས་ལྐོག་རྔན་ལས་ཐོབ་པའི་དངུལ་སྒོར་༣༠བླུགས་པའི་དངུལ་ཁུག་ལ་དམ་དུ་འཆིང་བ་ནས་སྡར་མའི་ཉམས་ཀྱིས་ཕྱི་ལ་དགྱེ་བའི་བཟོ་ལྟ་མངོན་ཡོད་པ་དེ་རེད།
རི་མོ་འདི་མ་བྱུང་སྔོན་ལ་ཆའོ་ཐོ་སོགས་ནས་ཀྱང་"ཡུག་ཏའི་འོ་བྱས་ཚུལ"སོགས་ཀྱིས་མཚོན་པའི་རི་མོ་མང་པོ་ཞིག་བྲིས་ཏེ་དགེ་སློབ་དབར་གྱི་གཡོ་འཚོང་གི་ལས་ཀ་དེ་ངོ་སྤྲད་མྱོང་ནའང༌། དེ་བས་གསོན་ཉམས་བཏོད་པོ་ཞིག་བྱུང་ཐུབ་མེད་པར། རྐྱང་ཤས་རི་མོའི་ལུགས་ཅན་གྱིས་སྒྱུ་རྩལ་བ་འདི་བའི་མདུན་དུ་ཞུམ་ཞུམ་པའི་སྣང་བ་རྒྱས་འདུག་གོ །

ཟུར་བཀོད་རི་མོ།

ཡུག་ཏའི་འོ་བྱས་ཚུལ།ཆའོ་ཐོ(ཕལ་ཆེར1266~1337)Ciotto


 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号